ལེགས་སྨོན།
བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་འདི་ མི་དབང་ཆོས་ཀྱི་རྒྱལ་པོ་ ཞིང་གཤེགས་དམ་པ་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ གཞི་བཙུགས་མཛད་གནང་པ་གི་མ་ཚད་ སྤྱི་ལོ་ ༡༩༦༨ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༢༩ ལུ་སློབ་དཔོན་སློབ་སྦྱོང་སྤེལ་ཁང་ལུ་འགོ་འབྱེད་མཛད་གནང་ཡི། དེའི་སྐབས་ལུ་ སློབ་ཕྲུག་ ༤༡ དང་ཤེས་ཡོན་གྱི་སློབ་དཔོན་དག་པ་ཅིག་གིས་འབད་ཤེས་རིག་གི་འགྲུལ་བསྐྱོད་བཟུམ་ཅིག་ལུ་སྤེལ་ཁང་འགོ་བཙུགས་གནང་ནུག་ སྤེལ་ཁང་གཞི་བཙུགས་འབད་ཞིནམ་ལས་ ཚུར་རྒྱལ་ཁབ་ནང་འཁོད་ནང་ཤེས་རིག་ལམ་ལུགས་དང་འཁྲིལ་ཏེ་ སློབ་དཔོན་ ༥༠༠༠ གཙུག་ལག་ཤེས་ཚད་མཐར་འཁྱོལ་ཏེ་ཡོདཔ་ཨིན་ དེ་ཡང་སློབ་སྦྱོང་ལས་རིམ་ གཙུག་ལག་གཞི་རིམ་ལག་འཁྱེར་ གཙུག་ལག་གཞི་རིམ་ཤེས་ཚད་ གཙུག་ལག་འོག་མའི་ཤེས་ཚད་ལག་འཁྱེར་ གཙུག་ལག་མཐོ་རིམ་གོང་མ་ གཙུག་ལག་ཤེས་རིག་གོང་མའི་ཤེས་ཚད་ཚུ་ནང་མཐར་འཁྱོལ་ཏེ་ཡོདཔ་ཨིན། ང་བཅས་ཀྱི་ཡང་དག་པའི་ལྟ་བ་དང་ ཡང་དག་པའི་སྒོམ་པ་ ཡང་དག་པའི་སྤྱོད་པ་གསུམ་གྱི་ཐོག་ལས་འབད་ གཙོ་བོ་ར་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ཁྱད་འཕགས་ཀྱི་ ཤེས་ཡོན་ལྷབ་སྦྱང་གི་རྣམ་རིག་མ་འདྲཝ་ ཚུ་ལྷག་བསམ་རྣམ་དག་གི་ཐོག་ལས་བྱིན་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དང་ དེ་ཚུ་གིས་འབད་ རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་ཏེ་ གྲུབ་འབྲས་ལེགས་ཤོམ་འཐོན་ནི་ལུ་དམིགས་གཏད་བསྐྱེདཔ་ཨིན།

གཞིས་ཁོངས་སྤྲོ་ཉམས།

སློབ་ཕྲུག་སྡོད་ཁང་།

ཙེད་རིགས།

ལམ་སྲོལ།

དཔེ་དེབ་ཚོང་ཁང་།

དཔེ་ཆའི་པར་སྐྲུན།
འཕྲལ་གྱི་གནས་ཚུལ།


